欢迎, 中国征集网!
当前位置:首页 > 征集揭晓 > LOGO/ 吉祥物/ 创意设计 > 正文

安多卫视藏晚logo投票正式启动

点击数: 发布时间:2019-11-19  截止时间: 0000-00-00 

ཨ་མདོ་བརྙན་འཕྲིན་གྱི་བོད་རབ་རྒྱན་བྱི་བའི(༢༠༢༠)ལོ་སར་སྤྲོ་ཚོགས་ཀྱི་མཚོན་རྟགས་རི་མོར(LOGO)དྲ་ལམ་ནས་འདེམ་ཤོག་འཕེན་པའི་

བྱེད་སྒོ་དངོས་སུ་མགོ་བརྩམས།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན་གྱི་བོད་རབ་རྒྱན་བྱི་བའི(༢༠༢༠)ལོ་སར་སྤྲོ་ཚོགས་ཆེན་མོ་དེ ༢༠༡༩ ལོའི་ཟླ ༡༢ པའི་ཟླ་དཀྱིལ་དུ་བརྙན་ཕབ་བྱ་རྒྱུ་ཡིན་ཅིང་། ལོ་སར་སྤྲོ་ཚོགས་ཀྱི་ནང་དོན་དང་རྣམ་པ། མཚོན་ཐབས་སོགས་ཆ་ཡོངས་ལ་མི་རིགས་ཀྱི་ཁྱད་ཆོས་དང་ས་ཁོངས་ཀྱི་ཁྱད་ཆོས། དུས་རབས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་དང་། རྒྱ་ཆེའི་ལྟ་མཁན་ཡོངས་ཀྱི་རེ་འདོད་ཅི་ནུས་ཀྱིས་སྐོང་སླད། ངེད་ཨ་མདོ་བརྙན་འཕྲིན་གྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་བོད་རབ་རྒྱན་བྱི་བའི(༢༠༢༠)ལོ་སར་སྤྲོ་ཚོགས་ཀྱི་མཚོན་རྟགས་རི་མོ(LOGO)བསྡུས་པ་ཡིན་ཅིང་། ཟླ་ངོ་གཉིས་ལྷག་གི་རིང་དུ་ཁྱོན་སྡོམ་ལོ་སར་སྤྲོ་ཚོགས་ཀྱི་མཚོན་རྟགས་རི་མོ(LOGO)བརྩམས་ཆོས་ལྔ་བཅུ་ལྷག་འབྱོར་བའི་ནང་ནས། ཐོག་མའི་དཔྱད་འདེམ་བརྒྱུད་བརྩམས་ཆོས་བརྒྱད་བདམས་ཐོན་བྱུང་ཡོད་པ་དེ་དྲ་ལམ་ནས་སྤྱི་ལ་བསྒྲགས་ཏེ་དྲ་གྲོགས་ཡོངས་ཀྱིས་འདེམ་ཤོག་འཕེན་པའི་བྱེད་ཐབས་ཀྱིས་དཔྱད་འདེམ་བྱ་རྒྱུ་ཡིན་པས། དྲ་གྲོགས་ཡོངས་ཀྱིས་གཤམ་དུ་བཀོད་ཡོད་པའི་ལོ་སར་སྤྲོ་ཚོགས་ཀྱི་མཚོན་རྟགས་རི་མོ(LOGO)བརྩམས་ཆོས་དག་ལ་རང་གི་འདོད་མོས་ཀྱི་འདེམ་ཤོག་འཕེན་པར་དགའ་བསུ་ཞུ།

 

  

藏晚LOGO网络投票活动正式启动

青海广播电视台安多卫视2020藏历铁鼠新年电视文艺晚会录制在即。为体现藏历新年(春节)文艺晚会的地域特色、民族特色和时代特色,特向全社会公开征集藏历新年电视文艺晚会logo(标识)。现对50余件应征作品中脱颖而出的8件作品进行网上投票评选,根据投票数取前三进入终评。欢迎广大网友积极参与!

 

རྩོམ་སྒྲིག་པ། འགྱུར་མེད་རྡོ་རྗེ།

དོ་དམ་པ། འགྱུར་མེད་རྡོ་རྗེ།

འགན་ཁུར་བ། སྐལ་བཟང་རྡོ་རྗེ།

 

 

https://mp.weixin.qq.com/s?src=11&timestamp=1574130785&ver=1983&signat

上一篇:征集结果公示|“第三届象山柑橘文化节”会徽有奖征集活动
下一篇:圣泉街道宣传标识(LOGO)征集评选结果公示